རྣམ་དབྱེ་བརྒྱད།
རྣམ་དབྱེ་འདི་ལ་ལུ་གིས་བདུན་ཡོདཔ་དང་ལ་ལུ་གིས་བརྒྱད་ཡོདཔ་འབད་སླབ་རུང་རྫོང་ཁའི་བརྡ་གཞུང་ནང་ལས་བརྒྱད་ཡོདཔ་སྦེ་ཐོ་བཀད་འབད་ནུག། འདི་འབདཝ་ལས་ང་བཅས་ཚུ་གི་རྣམ་དབྱེ་བརྒྱད་སྦེ་ལྷབ་ནི་ཨིན།
རྣམ་དབྱེ་ཟེར་མི་འདི་མིང་ ཚིག་ བརྗོད་པའི་ལམ་ལས་བརྗོད་དོན་ཁྱད་པར་སོ་སོ་སྦེ་དབྱེ་བའི་ཚིག་ལུ་རྣམ་དབྱེ་ཟེར་སླབ་ཨིན།
འདི་ལུ་དབྱེ་བ་༨་ཡོད།
༡༽དང་པ་ངོ་བོ་ཙམ་སྟོན་པ།
༢༽གཉིས་པ་ལས་སུ་བྱ་བ།
༣༽གསུམ་པ་བྱེད་པ་པོ།
༤༽བཞི་པ་དགོས་ཆེད།
༥༽ལྔ་པ་འབྱུང་ཁུངས།
༦༽དྲུག་པ་འབྲེལ་སྒྲ།
༧༽བདུན་པ་གནས་གཞི།
༨༽བརྒྱད་པ་འབོད་སྒྲ།
༡༽ངོ་བོ་ཙམ་སྟོན་པ།
ངོ་བོ་ཙམ་སྟོན་པ་ཟེར་མི་འདི་མི་མིང་དང་ཅ་ལ་གི ་མི་རྐྱང་པ་ཙམ་སྟོན་ཏེ་ བྱ་ལས་དང་ཁྱད་ཆོས་ཚུ་ག་ནི་ཡང་མ་སྟོན་མི་ལུ་སླབ་ཨིན།
དཔེར་ན༔
ཀ) རྡོ་རྗེ། ཟེར་བའི་སྐབས་ལུ་(རྡོ་རྗེ) མི་གིས་མིང་རྐྱངམ་ཅིག་མ་གཏོགས་ ཁོ་གི་འབད་བའི་ལཱ་སྟོན་ནི་མེདཔ་ཨིན།
ཁ) སྤ་རོ། ཟེར་བའི་སྐབས་ ས་གནས་གི་མིང་མ་གཏོགས་ སྤ་རོ་སྦོམ་ཡང་ན་ཆུང་ཀུ་ཡོད་ག་སྟོན་ནི་མེདཔ་ཨིན།
ག) ཨ་ལོ།
༢༽ལས་སུ་བྱ་བ།
ལས་སུ་བྱ་བ་ཟེར་མི་འདི་ བྱ་བའི་ཡུལ་ལམ་ལས་ཅིག་ལུ་བྱེད་པ་པོ་ཅིག་གིས་ ལཱ་ཅིག་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབ་ཨིན། ལས་སུ་བྱ་བ་ནང་ལུ་ག་ཅི་དགོ་ཟེར་བ་ཅིན་ བྱེད་པ་པོ། བྱ་བའི་ཡུལ། བྱ་བ། ཚུ་དགོཔ་ཨིན། ཡང་ན་བྱེད་པ་པོ་མེད་རུང་ བྱ་བའི་ཡུལ་ལུ་ལཱ་འབད་བའི་དོན་སྟོན་མི་གཅིག་དགོཔ་ཨིན།
འདི་ལུ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད།
ཀ) ལས་སུ་བྱ་བའི་རྣམ་དབྱེ།
ཁ) བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།
ཕྲད། ན། ར། ལུ། གུ། བཞི་ཡོད།
དཔེར་ནཿ
ཕྱི་ཁར་སོང་།
སྒྲོམ་ནང་ན་བཙུགས།
ཁྲོམ་ཁར་སོང་།
ཤིང་གུ་འཛེག།
ཕྲད་འདི་ལག་ལན་ཐབས་པའི་སྐབས་ལུ་ བརྗོད་དོན་གྱི་ཁྱད་པར་སོ་སོ་སྦེ་ དབྱེ་བ་སྟོན་ཚུབས་ལས་ རྣམ་དབྱེ་གི་ཕྲེད་ཟེར་སླབ་ཨིན།
བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།
བྱ་བ་དང་བྱ་བའི་ཡུལ་འདི་གཉིས་ སོ་སོར་དབྱེ་བ་འཕྱལ་མ་ཚུབས་སྦེ་ ཡོད་རུང་ཁ་ལས་སླབ་པའི་སྐབས་ དབྱེ་བ་སོ་སོ་ཨིནམ་བཟུམ་ཡོད་མི་གཅིག་ལུ་སླབ་ཨིན།
ཕྲད། ར། ལུ།
དཔེར་ན༔
ཤིང་སེརཔོ་ལུ་གྱུར།
བུམོ་མཁའ་འགྲོ་མར་གྱུར།
ཨོམ་ཆུ་ལུ་གྱུར།
༣༽བྱེད་པ་པོ།
བྱེད་པ་པོ་ཟེར་མི་འདི་ ལཱ་འབད་བའི་དོན་སྟོན་མི་ལུ་སླབ་ཨིན། ལཱ་(ལས)འབད་མི་ གང་ཟག་དང་དངོས་པོ་ ག་ཨིན་རུང་འདི་ལཱ་འབད་བའི་དོན་སྟོན་པའི་ཚིག་ལུ་སླབ་ཨིན།
འདི་ལུ་ནང་གསེས་ཀྱི་དབྱེ་བ་
བྱེད་པ་པོ་གཙོ་བོ།
བྱེད་པ་པོ་ཕལ་པ།
རང་བཞིན་གྱི་དབྱེ་པ་པོ།
རྒྱུ་མཚན་གྱི་དོན་ལུ་འཇུག་པ་ཟེར་བཞི་ཡོད།
ཕྲད། ཀྱིས། གིས། གྱིས། གསུམ་འཇུགཔ་ཨིན།
ཕྲད་ཚུ་ག་ར་ རྗེས་འཇུག་བཅུ་ལུ་རྒྱུ་མཚལ་ མ་འདྲཝ་སོ་སོ་ཡོདཔ་ཨིན།
དབྱེ་བ།
ཀ) བྱེ་པ་པོ་གཙོ་བོ།
བྱེ་པ་པོ་གཙོ་བོ་ཟེར་མི་འདི་ ལཱ་འབད་མི་ངོ་མ་སྟོན་མི་འདི་ལུ་སླབ་ཨིན།
དཔེར་ན༔
སྟག་(བྱེད་པ་པོ།)གིས་(ཕྲད།)མཆོངས(བྱ་ཚིག)།
ཁ) བྱེ་པ་པོ་ཕལ་པ།
བྱེད་པ་པོ་ཕལ་པ་ཟེར་མི་འདི་ བྱ་བ་འདི་འབད་མི་ག་ མནོ་བསམ་གཏང་ ཡང་ན་ བྱ་བ་འབད་ནི་ གནས་སྐབས་སྟོན་མི་ མི་ངོ་མ་མེད་རུང་ བྱ་བ་འབད་ཡོད་པའི་དོན་སྟོན་མི་ལུ་སླབ་ཨིན། ཡང་ན་ བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན།
དཔེར་ན༔
སྨན་གྱིས་ཕན།
ཁབ་ཀྱིས་བཙོམས།
ག) རང་བཞིན་གྱི་བྱེད་པ་པོ།
རང་བཞིན་གྱི་བྱེད་པ་པོ་ཟེར་མི་འདི་ ལཱ་འབད་མི་གང་ཟག་དང་དངོས་པོ་ ག་ཡང་མེན་པར་རང་བཞིན་གྱི་འབྱུང་མི་ལུ་སླབ་ཨིན།
དཔེར་ན༔
གཞན་གིས་ཁྱབ།
འདམ་གྱིས་གང་།
ང) རྒྱུ་མཚན་གྱི་བྱེད་པ་པོ།
རྒྱུ་མཚན་གྱི་།བྱེད་པ་པོ་ཟེར་མི་འདི་ བྱེད་པ་པོ་གཅིག་གི་བྱ་བ་འབད་བའི་ དོན་སྟོན་མ་ཚེད་ བྱ་བ་ག་ཅི་ལས་སྟོན་ཏེ་འབྱུང་བྱུང་ ཨིན་ན་ དེ་ཁུངས་སྟོན་མི་ལུ་སླབ་ཨིན།
དཔེར་ན༔
ལྟོ་བཟའ་ནི་འདི་གིས་ཕོཝ་འགྲངས་ཡི།
ལཱ་འབད་ནི་འདི་གིས་འུ་སྡུག།
དྲོན་གསོ།
མིང་མཐའ། པ། པོ། མ། མོ། ཝ་ཚུ་བསྡུ་བའི་ཚིག དཔེར་ན། རྒཔ། དཀརཔོ། ཐོངམ། རོལམོ། ཀཝ་ཟེར་མི་ཚུ་ མིང་མཐའ་བསྡུ་བསྡུཝ་ཨིནམ་ལས་ དེ་ཚུ་གི་མཐའ་མར་ བྱེད་སྒྲའི་ཕྲད་ གིས་ སྦྱར་དགོ། དེ་ཚུ་རྗེས་འཇུག་ཨིན་པས་མནོ་སྟེ་ རྗེས་འཇུག་དང་འཁྲིལ་བའི་ ཕྲད་སྦྱར་བ་ཅིན་ནོར་བ་ཨིན།
༤༽ དགོས་ཆེད།
བཞི་པ་དགོས་ཆེད་ཟེར་མི་འདི་ ཡུལ་གཞན་ལུ་ཕན་ཐོགས་པའི་ བྱ་བ་ཅིག་གཙོ་བ་སྟོན་ཏེ་སླབ་ཨིན།
ཕྲད། ར། ལུ། གུ།
དཔེར་ན༔
དབང་ཞུ་བར་འགྱོ་དེས།
ལཱ་འཚོལ་བར་སོང་།
སེམས་ཅན་ལུ་སྦྱུན་པ་གཏང་།
མིག་ཏོ་གུ་མིག་ཤེལ་བཙུགས།
དྲོན་གསོ།
ང་བཅས་ རྫོང་ཁ་ན་ དོན་ལུ་ ཟེར་སླབ་གསོལ་ཡོདཔ་ལས་ འདི་ལུ་དགོས་ཆེད་ཕྲད་བཙུགས་པའི་སྐབས་ལུ་ འདི་གི་དོན་ག་ལུ་དགོ་ནི་ ཡང་ན་ཕོན་ཐོགསཔ་་ཨིན་ན་སྟོན་ཨིནམ་ལས་ འདི་ལུ་དགོས་ཆེད་གསལ་བྱེད་ཟེར་སླབ་ཨིན།
དཔེར་ན༔
གཞུང་དོན་ལུ་དཀའཝ་སྤྱད་དགོ།
ཚེ་ཤུལ་མའི་དོན་ལུ་དགེ་བ་བསྒྲུབ་དགོ།
༥༽ འབྱུང་ཁུངས།
འབྱུང་ཁུངས་ཟེར་མི་འདི་ གང་ཟག་དང་དོངས་པོ་ འབྱུང་ས་ཡུལ་སྟེ་ལས་ཨིན་ན་སྟོན་པའི་ཚིག་ལུ་སླབ་ཨིན།
སྤྲད། ལས། རྫོང་ཁ་ནང་ལུ་འབྱུང་ཁུངས་གི་ཕྲད་ལས་རྐྱངམ་ཅིག་ཨིན་རུང་ ཆོས་སྐད་ལུ་འབད་བ་ཅིན་ཕྲད་ ལས་དང་ནས་ཟེར་གཉིས་ཡོདཔ་ཨིན།
དེ་ ལུ་ནང་གསེས་ཀྱི་དབྱེ་བ།
འབྱུང་ཁུངས་དངོས།
ཆ་འདྲ་བ།
འགྲན་ བསྡུར།
རྒྱུ་མཚན།
སྡུད་སྒྲ།
དཔེར་ན།
༦༽འབྲེལ་སྒྲ།
འབྲེལ་སྒྲ་ཟེར་མི་འདི་ མི་དང་མི་ཚུ་གི་བར་ན་ འབྲེལ་བ་སྟོན་པའི་ཚིག/ཕྲད་ཅིག་ལུ་སླབ་ཨིན།
ཕྲད། ཀྱི། གྱི། གི། ཡི། འི། འདི་ཚུ་ལུ་ བརྫོད་ཚིག་བཟོ་བའི་སྐབས་ལུ་ རྗེས་འཇུག་དང་འཕྲུལ་འཇུགཔ་ཨིན།
ད། བ། སའི་མཐའ་མར་ ཀྱི།
ག། ང་། མཐའ་མེད་ཀྱི་རྗེས་སུ་ གི།
ན། མ། ར། ལའི་མཐའ་མར་ གྱི།
འ་དང་མཐའ་མེད་ཀྱི་རྗེས་སུ་ འི་དང་ ཚིག་ཁ་སྐོང་དགོཔ་དང་ཡི་འཐོབཔ་ཨིན།
འབྲེལ་སྒྲའི་འཇུག་ཚུལ་གྱི་དབྱེ་བ།
ངོ་བོ་བདག་གཅིག།
དེ་ལས་དེ་འབྱུང་།
རྟེན་དང་བརྟེན་པ།
ཡན་ལག་དང་ཡན་ལག་ཅན།
ཁྱད་གཞི་དང་ཁྱད་ཆོས།
ནོར་དང་བདག་པོ་བཅས་དྲུག་ཡོད།
དཔེར་ན།
པ། པྩོ། མ། མྩོ། ཝ་ཚུ་ ཚག་བར་གཅིག་ནང་བསྡུ་བའི་ཚིགདཔེར་ན། རྒཔ། དཀརཔྩོ། ཐྩོངམ། རྩོལམྩོ། ཀཝ་ཟེར་མི་ཚུ་ མིང་མཐའ་བསྡུ་བསྡུཝ་ཨིནམ་ལས་ དེ་ཚུ་གི་མཐའ་མརའབྲེལ་སྒྲའི་ཕད་ གི་ སར་དགོ། དེ་ཚུ་རྗེས་འཇུག་ཨིན་པས་མནྩོ་སྟེ་ རྗེས་འཇུག་དང་འཁྲིལ་བའི་ ཕད་སར་བ་ཅིན་ནྩོར་བ་ཨིན།
༧༽གནས་གཞི།
གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་ཡང་ན་གནས་ ག་ཏེ་ལུ་ གནས་ཏེ་ཡོད་པའི་དོན་སྟོན་མི་ལུ་སླབ་ཨིན།
དེ་ལུ་ ནང་གསེས་ཀྱི་དབྱེ་བ།
ཡུལ་གྱི་གཞི་ལ་གནས་པར་སྟོན་པའི་གནས་གཞི།
དུས་ཀྱི་གཞི་ལ་གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད།
ཕད་ ན། ར། ལུ། ག། ཡུལ་གྱི་གནས་གཞ། དུས་ཀྱི་གནས་གཞི་ལུ་ ན། ར། ལུ།
དཔེར་ན།
༨༽བོད་སྒྲ། མི་ལུ་འབོ་བའི་སྒྲ།
བོད་སྒྲ་ཟེར་མི་འདི་ གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་སར་བའི་ཚིག་ཅིག་ལུ་སླབཔ་ཨིན།
དཔེར་ན།
ཀྱེ། ཆིད་ཆིད། དབའི། ཨའུ། ཁོ་རེ། ཀྭ་ཡེ། སྤ། སྤའོ། ཛའི། ཨའོ། ཤུད། ཨ་ཁའི །ཕུའི། ཨའེ། འེང་འེང་། ཨེང་། གཡའ། ཡ།