Tuesday, May 20, 2025

གན་རྒྱ།

 ༉     ད་ལན་ རང་ལུགས་གནམ་ལོ་ ཤིང་མོ་སྦུལ་ལོ་ཟླ་ ༤ ་པའི་ཚེས་ ༢༣ དང་ དབྱིན་ ཚེས་ ༢༠.༠༥.༢༠༢༥ ལུ་ སམས་རྩི་རྫོང་ཁག་ ནོར་བུ་གང་རྒེད་འོག་ལས་ དབང་པོ་ངོ་སྤྲོད་ལག་ཁྱེར་ཨང་ ༠༩༨༧༦༥ ་ཅན་མ་ཀྱིས་ སམས་རྩི་མཐོ་རིམ་སློབ་གྲྦའི་ སློབ་དཔོན་དོན་གྲུབ་ངོ་སྤྲོད་ལག་ཁྱེར་ཨང་ ༡༠༩༠༨༧༦་ཅན་མ་ལུ་ ས་ཨེར་ཀར་ ༢་ དངུལ་ཀྲམ་  ༢༠༠,༠༠༠/-(འབུམ་གཉིས་) འབད་བརྩོང་ཡོདཔ་ཨིན།


ས་འདི་ ཉོ་མི་དོན་གྲུབ་གི་སའི་རིད་གོང་དངུལ་ཀྲམ་འདི་ཆེ་ཀ་ ༡༠༠,༠༠༠/-(འབུམ་རེ་) འབད་ཟླཝ་དྲུག་གི་ནང་ཁྱོ་སྤྲོད་ནི་ ཨིནམ་འབད་ས་
བརྩོང་གན་རྒྱ་ཨིན། ག་དེམ་ཅིག་འབད་ གོང་གི་ཁ་དོན་ཆོད་ཡོད་པའི་ཁ་ཚིག་ལས་ རྒྱབ་འགལ་རེ་ཞུགས་ན་ འབའ་ཉེས་ཁྲིམས་གཞུང་གི་ ཁྲིམས་ལུགས་ལྟར་ ཕྱག་ཞུ་ནི་ལུ་ཁས་ལེན་གྲུབ་པའི་ གན་འཛིན་ལུ།  


༡ ས་བརྩོང་མི་ དབང་པོ་ཀྱི་རྟགས།  

༢ ས་ཉོ་མི་ སློབ་དཔོན་དོན་གྲུབ་ཀྱི་རྟགས།  

༣ སྤྱི་མཐུན་གྱི་རྒྱབ་མི་ དཀར་ཅུངའི་རྟགས།


ས་སྟོང་གསལ་བསྒྲགས།

 ཡིག་ཨང་ ༠༠༣༤༥                                                                   སྤྱི་ཚེས་ ༡༣/༠༥/༢༠༢༥ ལུ།

ས་སྟོང་གསལ་བསྒྲགས། 


དཔལ་ལྡན་རྩི་ས་དབང་འཛིན་གྱིས་ནང་ལུ་ འདི་འཕྲོལ་ལས་འཛིན་སྐྱོང་མདོ་ཆེད་གཅིག་གིས་ས་སྟོང་ཡོདཔ་ལས་ དང་འདོད་ཡོད་མིའི་འབྲུག་མི་ཚུ་གིས་ འོག་ལུ་བཀོད་མིའི་གནད་དོན་ཚུ་དང་འཁྲིལ་ཏེ་ ཡིག་ཆ་ཚུ་དཔལ་ལྡན་རྩི་ས་དབང་འཛིན་གྱིས༌མི་སྟོབས་གཙོ་འཛིན་དགོ་དཔོན་ ཡིག༌ཚང༌ནང་ལུ་བཙུགས་ གནང་། 


ཨང་། 

གོ་གནས། 

གནས་རིམ།

ཤེས་ཚད་དང་ཉམས་མྱོང་། 

འཛིན་སྐྱོང་མདོ་ཆེད།

བཀོད་ཁྱབ་ ༣ ་པ།

མི་སྟོབས་འཛིན་སྐྱོང་ནང་ལུ་ གཙུག་ལག་གོང་མའི་ཤེས་ཡོན་ལག་ཁྱེར་དང་ གཙུག་ལག་འོང་མའི་ལག་ཁྱེར་ ཡོད་པའི་ཁར་ ལཱུ་ངོ་ ༡༠ གྱི་ཉམས་མྱོང་ ཡོད་མི།


གཤམ་གསལ་གྱི་ཡིག་ཆ་ཚུ་དང་སྦྲགས་ སྤྱི་ཚེས་ ༠༥/༢༨/༢༠༢༥ ནང་འཁོད་དཔལ་ལྡན་རྩི་ས་དབང་འཛིན་གྱིས་ མི་སྟོབས་གཙོ་འཛིན་འགོ་དཔོན་ཡིག་ཚང་ནང་ལུ་ལྷོདཔ་སྦེ་བཙུགས་དགོཔ་ཨིན། 

ཀ) ཁྲིམས་སྲུང་འགག་པའི་ཉོག་མེད་ཡི་གུ།

ཁ) མི་ཁུངས་ངོ་སྤྲོད་ལག་ཁྱེར། 

ག) ཤེས་ཚད་ལག་ཁྱེར། (གཙུག་ལག་གོང་མའི་ཤེས་ཡོན་ལག་ཁེར་དང་ གཙུག་ལག་འོང་མའི་ལག་ཁར་ དེ་ལས་ སློབ་རིམ་བཅུ་གཉིས་པ་མཐར་འཁྱོལ་ཡོད་པའི་ལག་ཁྱེར)

ང) རྩིས་ཞིབ་ཉོག་མེད་ལག་ཁྱེར།

ཅ) གསོ་བའི་ལག་ཁྱེར།

ཆ) གཡོག་ནང་ཡོད་མི་ཚུ་ཨིན་པ་ཅིན་ རང་སོའི་ལས་སྡེ་ལས་ཉོག་མེད་ཡི་གུ། 


གདམ་འཐུ་གྲུབ་པའི་མིང་གསལ་ཚུ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ཐོག་ལས་གསལ་བསྒྲགས་འབད་ནི་དང་ གདམ་ཁའི་ཐོ་བཀོད་ནང་ཚུད་མི་ཚུ་གི་དོན་ལུ་ བཙག་འཐུའི་དྲི་བ་དྲིས་ལན་འདི་ སྤྱི་ཚེས་ ༣༠/༠༥/༢༠༢༥ ཀྱི་དྲོ་པ་ཆུ་ཚོད་ ༡༠ ལུ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ཐོག་ལས་གསལ་བསྒྲགས་འབད་ནི་ཨིན།


གནད་དོན་ཁ་གསལ་གྱི་དོན་ལུ་ བརྒྱུད་འཕྲིན་ཨང་ ༡༢༣༤༥ དང་ ཡངན་ ༦༥༤༣༢༡ གི་ཐོག་ལས་ འབྲེལ་བ་འཐབ་ གནང་ཟེར་ཞུ་ནི་ཨིན།

རང་ལོ་གནས་ལོ་ཤིང་མོ་སྦུལ་ལོ་ ཟླ་ ༠༤ ་ཚེས་ ༡༦་ ལུ། 

 

(ཨྨོན་ལྷོ་མོ།) 

མི་སྟོབས་གཙོ་འཛིན་འགོ་དཔོན།


ཁྱབ་སྒྲགས།

 ཡིག་ཨང་ ༡༠༡༠༠༠                                                                 སྤྱི་ཚེས་ ༡༣-༠༥-༢༠༢༥ ་ལུ།   



ཁྱབ་སྒྲགས།

སྡུས་ཀབས་ཅིག་ལས་ མཐོ་རིམ་སློབ་གྲྥ་ནང་ལུ་ སློབ་ཕྲུག་དང་ལས་གཡོགས་ཚུ་གིས་འགྲུལ་འཁོར་ལས་ཏན་ ཉེན་སྲུང་དང་སྤྱོད་ལམ་གྱི་སྒྲིག་བཀོད་ལས་རྒྱལ་བའི་ བྱ་ངན་འབྱུང་ཡོདཔ་འབད་བདག་སྐྱོང་ལུ་ཉོགས་ཤུགས་འབད་ཡོདཔ་ཨིན། དེ་འབདཝ་ལས་ འགྲུལ་འཁོར་དང་འབྲེལ་བའི་དཀའ་ངལ་ དང་པ་སློབ་ཕྲུག་ཚུ་བདག་སྐྱོང་ལས་གནང་བ་མེད་པར་ ཕྱི་རུ་ཕྱི་ཁར་འགྱོ་ནི་དང་ དུས་ཚོད་འཕྱིས་སུ་ཅིག་སྦེ་འོང་ནི། གཉིས་པ་ འགྲུལ་འཁོར་དང་འབྲིལ་བའི་རྐྱེན་ཡང་ འབྱུང་ཡོད་པའི་ཐོ་བཀོད་ཡང་བདག་སྐྱོང་ལུ་ ཕྱི་ཁའི་མི་ཚུ་གི་སླབ་ཡོདཔ་ཨིན། གསུམ་པ་ལུ་ གནང་བ་མེད་པའི་འགྲུལ་འཁོར་ཚུ་ མཐོ་རིམ་སློབ་གྲྦ་ནང་ལུ་འཛུལ་ཞུགས་འབད་ཡོདཔ་དང་ དེ་ད་འབྲེལ་བའི་ ཉེན་སྲུང་གི་དཀའ་ངལ་ཡོདཔ་ལས། མཐོ་རིམ་སློབ་གྲྦ་ནང་ལུ་ཡོད་པའི་ སློབ་ཕྲུག་དང་ལཱ་འབད་མི་ག་ར་གི་ ཁོར་རའི་འགྲལ་འཁོར་ཚུ་ བདག་སྐྱོང་དང་གཅིག་ཁར་ཐོ་བཀོད་འབད་དགོ་པའི་ ཁྱབ་སྒྲགས་འབདཝ་ཨིན།


གལ་སིད་ ག་དེམ་གཅིག་སྦེ་ཁྱབ་གྲགས་ འདི་ལུ་མ་ཉེས་པ་ཅིན་ དེ་དང་འབྲེལ་བའི་ཉེས་ཁྲིམས་ སློབ་ཕྲུག་ཚུ་མཐོ་རིམ་ལས་སྒེར་པའི་སློབ་ཕྲུག་འབད་གཏང་ནི་དང་ འགྲུལ་འཁོར་ལག་ལེན་ཐབས་མ་ཆོབས་ཟོ་ནི་དང་ དེ་ལས་མཐོ་རིམ་སློབ་གྲྦ་ནང་ལུ་ཕྱི་རུ་འཛུལ་ཞུགས་འབད་ནི་དུས་ཚེད་མར་ཕབས་གཏང་ནི་ཨིན། རང་ལོ་གནས་ལོ་ཤིང་མོ་སྦུལ་ལོ་ ཟླ་ ༠༤ ་ཚེས་ ༡༦་ ལུ། 


མཐོ་རིས་སློབ་གྲྦའི་བདག་སྐྱོང་།






Monday, May 19, 2025

Group work སྒྲེག་འཛུལ་སྙན་ཞུ།

  སྤྱི་ཚེས་ ༠༦/༠༥/༢༠༢༥ ་ལུ།

 

བདག་སྐྱོང་འགོ་དཔོན།

རྫོང་ཁག་བདག་སྐྱོང།

བསམ་རྩེ།


ཞུ་དོན།  ཞུ་དོན། དེ་ནི་ ཡིག་ཚང་གི་བཀའ་རྒྱ་ཨང་ ཐིམ་རྫོང་/བདག་སྐྱོང་/༢༠༡༠/༡༣༥ ཚེས་ ༡༣/༠༦/ ༢༠༡༠ ཅན་མ་ལྟར་ སྤྱི་ཚེས་༠༧ ཟླ་༥་༢༠༢༥ ལས་ ༠༧ ཟླ་༥་༢༠༢༧་ ཚུན་ ཤེས་རིག་སྦྱོང་བའི་ངལ་གསོ ལུ་སོང་ཡོད་པས་ ད་རེས་ ང་ཡིགཚང་ནང་ ་སྤྱི་ཚེས་༡༠ ཟླ་༥ ལས་ ལོག་ལྷོད་དེ་ ཡིག་ཚང་གི་སྒྲིག་གཡོག་ནང་འཛུལ་ཡོད་པའི་སྙན་འབུལ་ཞུ་བ་མཁྱེན།

 

 

(ཚེ་རིང་རྡོ་རྗེ།)

 བདག་སྐྱོང་ལས་རཱུགསཔ།

གན་རྒྱ།

  ༉     ད་ལན་ རང་ལུགས་གནམ་ལོ་ ཤིང་མོ་སྦུལ་ལོ་ཟླ་ ༤ ་པའི་ཚེས་ ༢༣ དང་ དབྱིན་ ཚེས་ ༢༠.༠༥.༢༠༢༥ ལུ་ སམས་རྩི་རྫོང་ཁག་ ནོར་བུ་གང་རྒེད་འོག་ལས་ དབང་པ...