Thursday, March 20, 2025

 རྣམ་དབྱེ་བརྒྱད།

རྣམ་དབྱེ་འདི་ལ་ལུ་གིས་བདུན་ཡོདཔ་དང་ལ་ལུ་གིས་བརྒྱད་ཡོདཔ་འབད་སླབ་རུང་རྫོང་ཁའི་བརྡ་གཞུང་ནང་ལས་བརྒྱད་ཡོདཔ་སྦེ་ཐོ་བཀད་འབད་ནུག།  འདི་འབདཝ་ལས་ང་བཅས་ཚུ་གི་རྣམ་དབྱེ་བརྒྱད་སྦེ་ལྷབ་ནི་ཨིན།

རྣམ་དབྱེ་ཟེར་མི་འདི་མིང་ ཚིག་ བརྗོད་པའི་ལམ་ལས་བརྗོད་དོན་ཁྱད་པར་སོ་སོ་སྦེ་དབྱེ་བའི་ཚིག་ལུ་རྣམ་དབྱེ་ཟེར་སླབ་ཨིན།
འདི་ལུ་དབྱེ་བ་༨་ཡོད།
༡༽དང་པ་ངོ་བོ་ཙམ་སྟོན་པ།
༢༽གཉིས་པ་ལས་སུ་བྱ་བ། 
༣༽གསུམ་པ་བྱེད་པ་པོ།
༤༽བཞི་པ་དགོས་ཆེད།
༥༽ལྔ་པ་འབྱུང་ཁུངས།

༦༽དྲུག་པ་འབྲེལ་སྒྲ།

༧༽བདུན་པ་གནས་གཞི།

༨༽བརྒྱད་པ་འབོད་སྒྲ།

༡༽ངོ་བོ་ཙམ་སྟོན་པ།

ངོ་བོ་ཙམ་སྟོན་པ་ཟེར་མི་འདི་མི་མིང་དང་ཅ་ལ་གི ་མི་རྐྱང་པ་ཙམ་སྟོན་ཏེ་ བྱ་ལས་དང་ཁྱད་ཆོས་ཚུ་ག་ནི་ཡང་མ་སྟོན་མི་ལུ་སླབ་ཨིན།

དཔེར་ན

) རྡོ་རྗེ། ཟེར་བའི་སྐབས་ལུ་(རྡོ་རྗེ) མི་གིས་མིང་རྐྱངམ་ཅིག་མ་གཏོགས་ ཁོ་གི་འབད་བའི་ལཱ་སྟོན་ནི་མེདཔ་ཨིན།

) སྤ་རོ། ཟེར་བའི་སྐབས་ ས་གནས་གི་མིང་མ་གཏོགས་ སྤ་རོ་སྦོམ་ཡང་ན་ཆུང་ཀུ་ཡོད་ག་སྟོན་ནི་མེདཔ་ཨིན།

) ཨ་ལོ།  

༢༽ལས་སུ་བྱ་བ།

ལས་སུ་བྱ་བ་ཟེར་མི་འདི་ བྱ་བའི་ཡུལ་ལམ་ལས་ཅིག་ལུ་བྱེད་པ་པོ་ཅིག་གིས་ ལཱ་ཅིག་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབ་ཨིན། ལས་སུ་བྱ་བ་ནང་ལུ་ག་ཅི་དགོ་ཟེར་བ་ཅིན་ བྱེད་པ་པོ། བྱ་བའི་ཡུལ། བྱ་བ། ཚུ་དགོཔ་ཨིན། ཡང་ན་བྱེད་པ་པོ་མེད་རུང་ བྱ་བའི་ཡུལ་ལུ་ལཱ་འབད་བའི་དོན་སྟོན་མི་གཅིག་དགོཔ་ཨིན།

འདི་ལུ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད།

) ལས་སུ་བྱ་བའི་རྣམ་དབྱེ།

) བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།

ཕྲད། ན། ར། ལུ། གུ། བཞི་ཡོད།

དཔེར་ནཿ  

  • ཕྱི་ཁར་སོང་།

  • སྒྲོམ་ནང་ན་བཙུགས།

  • ཁྲོམ་ཁར་སོང་།

  • ཤིང་གུ་འཛེག།

ཕྲད་འདི་ལག་ལན་ཐབས་པའི་སྐབས་ལུ་ བརྗོད་དོན་གྱི་ཁྱད་པར་སོ་སོ་སྦེ་ དབྱེ་བ་སྟོན་ཚུབས་ལས་ རྣམ་དབྱེ་གི་ཕྲེད་ཟེར་སླབ་ཨིན།

བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།

བྱ་བ་དང་བྱ་བའི་ཡུལ་འདི་གཉིས་ སོ་སོར་དབྱེ་བ་འཕྱལ་མ་ཚུབས་སྦེ་ ཡོད་རུང་ཁ་ལས་སླབ་པའི་སྐབས་ དབྱེ་བ་སོ་སོ་ཨིནམ་བཟུམ་ཡོད་མི་གཅིག་ལུ་སླབ་ཨིན།

ཕྲད། ར། ལུ།

དཔེར་ན༔ 

  • ཤིང་སེརཔོ་ལུ་གྱུར།

  • བུམོ་མཁའ་འགྲོ་མར་གྱུར།

  • ཨོམ་ཆུ་ལུ་གྱུར།

༣༽བྱེད་པ་པོ།

བྱེད་པ་པོ་ཟེར་མི་འདི་ ལཱ་འབད་བའི་དོན་སྟོན་མི་ལུ་སླབ་ཨིན། ལཱ་(ལས)འབད་མི་ གང་ཟག་དང་དངོས་པོ་ ག་ཨིན་རུང་འདི་ལཱ་འབད་བའི་དོན་སྟོན་པའི་ཚིག་ལུ་སླབ་ཨིན།

འདི་ལུ་ནང་གསེས་ཀྱི་དབྱེ་བ་ 

  • བྱེད་པ་པོ་གཙོ་བོ། 

  • བྱེད་པ་པོ་ཕལ་པ། 

  • རང་བཞིན་གྱི་དབྱེ་པ་པོ། 

  • རྒྱུ་མཚན་གྱི་དོན་ལུ་འཇུག་པ་ཟེར་བཞི་ཡོད།

ཕྲད། ཀྱིས། གིས། གྱིས། གསུམ་འཇུགཔ་ཨིན།

ཕྲད་ཚུ་ག་ར་ རྗེས་འཇུག་བཅུ་ལུ་རྒྱུ་མཚལ་ མ་འདྲཝ་སོ་སོ་ཡོདཔ་ཨིན།

ཕྲད།

རྗེས་འཇུག།

ཀྱིས།

ད། བ། ས།

གིས།

ག། ང་། འ། དེ་བཟུམ་འབད་མཐའ་མེད་ལུ་ཡང་འཇུགཔ་ཨིན།

གྱིས།

ན། མ། ར། ལ།

དབྱེ་བ།

) བྱེ་པ་པོ་གཙོ་བོ།

བྱེ་པ་པོ་གཙོ་བོ་ཟེར་མི་འདི་ ལཱ་འབད་མི་ངོ་མ་སྟོན་མི་འདི་ལུ་སླབ་ཨིན།

དཔེར་ན༔ 

སྟག་(བྱེད་པ་པོ།)གིས་(ཕྲད།)མཆོངས(བྱ་ཚིག)། 

ཁ) བྱེ་པ་པོ་ཕལ་པ།

བྱེད་པ་པོ་ཕལ་པ་ཟེར་མི་འདི་ བྱ་བ་འདི་འབད་མི་ག་ མནོ་བསམ་གཏང་ ཡང་ན་ བྱ་བ་འབད་ནི་ གནས་སྐབས་སྟོན་མི་ མི་ངོ་མ་མེད་རུང་ བྱ་བ་འབད་ཡོད་པའི་དོན་སྟོན་མི་ལུ་སླབ་ཨིན། ཡང་ན་ བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན།

དཔེར་ན༔ 

  • སྨན་གྱིས་ཕན།

  • ཁབ་ཀྱིས་བཙོམས།

ག) རང་བཞིན་གྱི་བྱེད་པ་པོ།

རང་བཞིན་གྱི་བྱེད་པ་པོ་ཟེར་མི་འདི་ ལཱ་འབད་མི་གང་ཟག་དང་དངོས་པོ་ ག་ཡང་མེན་པར་རང་བཞིན་གྱི་འབྱུང་མི་ལུ་སླབ་ཨིན།

དཔེར་ན༔ 

  • གཞན་གིས་ཁྱབ། 

  • འདམ་གྱིས་གང་།

ང) རྒྱུ་མཚན་གྱི་བྱེད་པ་པོ།

རྒྱུ་མཚན་གྱི་།བྱེད་པ་པོ་ཟེར་མི་འདི་ བྱེད་པ་པོ་གཅིག་གི་བྱ་བ་འབད་བའི་ དོན་སྟོན་མ་ཚེད་ བྱ་བ་ག་ཅི་ལས་སྟོན་ཏེ་འབྱུང་བྱུང་ ཨིན་ན་ དེ་ཁུངས་སྟོན་མི་ལུ་སླབ་ཨིན།

དཔེར་ན༔

  • ལྟོ་བཟའ་ནི་འདི་གིས་ཕོཝ་འགྲངས་ཡི།

  • ལཱ་འབད་ནི་འདི་གིས་འུ་སྡུག།

དྲོན་གསོ།

མིང་མཐའ། པ། པོ། མ། མོ། ཝ་ཚུ་བསྡུ་བའི་ཚིག དཔེར་ན། རྒཔ། དཀརཔོ། ཐོངམ། རོལམོ། ཀཝ་ཟེར་མི་ཚུ་ མིང་མཐའ་བསྡུ་བསྡུཝ་ཨིནམ་ལས་ དེ་ཚུ་གི་མཐའ་མར་ བྱེད་སྒྲའི་ཕྲད་ གིས་ སྦྱར་དགོ། དེ་ཚུ་རྗེས་འཇུག་ཨིན་པས་མནོ་སྟེ་ རྗེས་འཇུག་དང་འཁྲིལ་བའི་ ཕྲད་སྦྱར་བ་ཅིན་ནོར་བ་ཨིན།

༤༽ དགོས་ཆེད།

བཞི་པ་དགོས་ཆེད་ཟེར་མི་འདི་ ཡུལ་གཞན་ལུ་ཕན་ཐོགས་པའི་ བྱ་བ་ཅིག་གཙོ་བ་སྟོན་ཏེ་སླབ་ཨིན།

ཕྲད། ར། ལུ། གུ།

དཔེར་ན༔

  • དབང་ཞུ་བར་འགྱོ་དེས།

  • ལཱ་འཚོལ་བར་སོང་།

  • སེམས་ཅན་ལུ་སྦྱུན་པ་གཏང་།

  • མིག་ཏོ་གུ་མིག་ཤེལ་བཙུགས།

དྲོན་གསོ།

ང་བཅས་ རྫོང་ཁ་ན་ དོན་ལུ་ ཟེར་སླབ་གསོལ་ཡོདཔ་ལས་ འདི་ལུ་དགོས་ཆེད་ཕྲད་བཙུགས་པའི་སྐབས་ལུ་ འདི་གི་དོན་ག་ལུ་དགོ་ནི་ ཡང་ན་ཕོན་ཐོགསཔ་་ཨིན་ན་སྟོན་ཨིནམ་ལས་ འདི་ལུ་དགོས་ཆེད་གསལ་བྱེད་ཟེར་སླབ་ཨིན།

དཔེར་ན༔

  • གཞུང་དོན་ལུ་དཀའཝ་སྤྱད་དགོ།

  • ཚེ་ཤུལ་མའི་དོན་ལུ་དགེ་བ་བསྒྲུབ་དགོ།

༥༽ འབྱུང་ཁུངས།

འབྱུང་ཁུངས་ཟེར་མི་འདི་ གང་ཟག་དང་དོངས་པོ་ འབྱུང་ས་ཡུལ་སྟེ་ལས་ཨིན་ན་སྟོན་པའི་ཚིག་ལུ་སླབ་ཨིན།

སྤྲད། ལས། རྫོང་ཁ་ནང་ལུ་འབྱུང་ཁུངས་གི་ཕྲད་ལས་རྐྱངམ་ཅིག་ཨིན་རུང་ ཆོས་སྐད་ལུ་འབད་བ་ཅིན་ཕྲད་ ལས་དང་ནས་ཟེར་གཉིས་ཡོདཔ་ཨིན།

དེ་ ལུ་ནང་གསེས་ཀྱི་དབྱེ་བ། 

  • འབྱུང་ཁུངས་དངོས། 

  • ཆ་འདྲ་བ། 

  • འགྲན་ བསྡུར། 

  • རྒྱུ་མཚན། 

  • སྡུད་སྒྲ། 

དཔེར་ན།

དཔེར་བརྗོད།

འཇུག་ཚུལ།

མེ་ལས་དུ་པ།

འབྱུང་ཁུངས་དངོས། ག་ཅི་སྦེ་ཟེར་བ་ཅིན་ དུ་པ་འདི་ མེ་ལས་ཐོ་དོ་ཡོདཔ་འབད་སྟོན་ལས།

ཤིང་ཁ་ལས་བྱ།

འབྱུང་ཁུངས་ཆ་འདྲ་བ། 

སྣུམ་འཁོར་ལས་གནམ་གྲུ་མགྱོགས།

འབྱུང་ཁུངས་འགྲན་བསྡུར། 

ལཱ་འབདཝ་ལས་གླ་འཐྩོབ། 

འབྱུང་ཁུངས་རྒྱུ་མཚན།

སྤུ་ན་ཁ་ལས་སྤ་རྩོ་ཚུན།

འབྱུང་ཁུངས་ཡུལ་སྡུད་པ།

ཁ་ཉིནམ་ལས་ད་རིས་ཚུན། 

དུས་སྡུད་པ།

མགུ་ཏྩོ་ལས་རྐངམ་ཚུན།

དངོས་པྩོ་སྡུད་པ།

༦༽འབྲེལ་སྒྲ།

འབྲེལ་སྒྲ་ཟེར་མི་འདི་ མི་དང་མི་ཚུ་གི་བར་ན་ འབྲེལ་བ་སྟོན་པའི་ཚིག/ཕྲད་ཅིག་ལུ་སླབ་ཨིན།

ཕྲད། ཀྱི། གྱི། གི། ཡི། འི། འདི་ཚུ་ལུ་ བརྫོད་ཚིག་བཟོ་བའི་སྐབས་ལུ་ རྗེས་འཇུག་དང་འཕྲུལ་འཇུགཔ་ཨིན།

ད། བ། སའི་མཐའ་མར་ ཀྱི།

ག། ང་། མཐའ་མེད་ཀྱི་རྗེས་སུ་ གི། 

ན། མ། ར། ལའི་མཐའ་མར་ གྱི། 

འ་དང་མཐའ་མེད་ཀྱི་རྗེས་སུ་ འི་དང་ ཚིག་ཁ་སྐོང་དགོཔ་དང་ཡི་འཐོབཔ་ཨིན།

འབྲེལ་སྒྲའི་འཇུག་ཚུལ་གྱི་དབྱེ་བ། 

ངོ་བོ་བདག་གཅིག། 

དེ་ལས་དེ་འབྱུང་། 

རྟེན་དང་བརྟེན་པ།

 ཡན་ལག་དང་ཡན་ལག་ཅན། 

ཁྱད་གཞི་དང་ཁྱད་ཆོས།

ནོར་དང་བདག་པོ་བཅས་དྲུག་ཡོད།

དཔེར་ན།


དཔེར་བརྗོད།

ཕྲེད།

འཇུག་ཚུལ།

རག་གི་ཏིང་།

གི།

ངོ་བོ་བདག་གཅིག།

དཔོན་གྱི་གསོལ་ར། 

གྱི།

དེ་ལས་དེ་འབྱུང་།

སེམས་དཔའི་ཕྱགབྱང་ཆུབ་སེམས་དཔའ་གི་ཕྱག།

གི།

ཡན་ལག་དང་ཡན་ལག་ཅན།

ཤེལ་གྱི་འོད།

གྱི།

ཁྱད་གཞི་དང་ཁྱད་ཆོས།

ཁོ་འི་རྒྱུ་ནོར།

འི།

ནོར་དང་བདག་པོ།

ཁྱིམ་གྱི་མི།

གྱི།

རྟེན་དང་བརྟེན་པ།

པ། པྩོ། མ། མྩོ། ཝ་ཚུ་ ཚག་བར་གཅིག་ནང་བསྡུ་བའི་ཚིགདཔེར་ན། རྒཔ། དཀརཔྩོ། ཐྩོངམ། རྩོལམྩོ། ཀཝ་ཟེར་མི་ཚུ་ མིང་མཐའ་བསྡུ་བསྡུཝ་ཨིནམ་ལས་ དེ་ཚུ་གི་མཐའ་མརའབྲེལ་སྒྲའི་ཕད་ གི་ སར་དགོ། དེ་ཚུ་རྗེས་འཇུག་ཨིན་པས་མནྩོ་སྟེ་ རྗེས་འཇུག་དང་འཁྲིལ་བའི་ ཕད་སར་བ་ཅིན་ནྩོར་བ་ཨིན།

༧༽གནས་གཞི།

གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་ཡང་ན་གནས་ ག་ཏེ་ལུ་ གནས་ཏེ་ཡོད་པའི་དོན་སྟོན་མི་ལུ་སླབ་ཨིན།

དེ་ལུ་ ནང་གསེས་ཀྱི་དབྱེ་བ།

  • ཡུལ་གྱི་གཞི་ལ་གནས་པར་སྟོན་པའི་གནས་གཞི།

  • དུས་ཀྱི་གཞི་ལ་གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད།

ཕད་ ན། ར། ལུ། ག། ཡུལ་གྱི་གནས་གཞ། དུས་ཀྱི་གནས་གཞི་ལུ་ ན། ར། ལུ།

དཔེར་ན།


དཔེར་བརྗོད།

འཇུག་ཚུལ།

ལྷ་ཁང་ནང་ན་སྐུ་ཡོད།

ཡུལ་གྱི་གནས་གཞི།

གྱང་གི་ར་བར་ཀླུ་ཁང་ཡོད། 

ཡུལ་གྱི་གནས་གཞི།

ཐིམ་ཕུག་ལུ་མི་སྣ་ཚོགས་ཡོད།

ཡུལ་གྱི་གནས་གཞི།

ཤིང་གུ་བྱ་ཆགས་ནུག།

ཡུལ་གྱི་གནས་གཞི།

མོ་མ་ལྷོད་བར་ན་བསྒུག་གནང་།

དུས་ཀྱི་གནས་གཞི།

གནམ་སོ་ཁར་ཤིང་གི་འདབ་མ་བུད་འོང་།

དུས་ཀྱི་གནས་གཞི།

ཚེས་བཅོ་ལྔ་ལུ་དཀར་མེ་ཕུལ། 

དུས་ཀྱི་གནས་གཞི།

༨༽བོད་སྒྲ། མི་ལུ་འབོ་བའི་སྒྲ།

བོད་སྒྲ་ཟེར་མི་འདི་ གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་སར་བའི་ཚིག་ཅིག་ལུ་སླབཔ་ཨིན།

དཔེར་ན།

ཀྱེ། ཆིད་ཆིད། དབའི། ཨའུ། ཁོ་རེ། ཀྭ་ཡེ། སྤ། སྤའོ། ཛའི། ཨའོ། ཤུད། ཨ་ཁའི །ཕུའི། ཨའེ། འེང་འེང་། ཨེང་། གཡའ། ཡ།



Tuesday, March 18, 2025

 ༡༽ཆོས་སྐད་ལས་ཤད་ཞུགས་ཡོད་པའི་ཁུངས།

བོད་ལུ་དུས་རབས་ ༨་པ་ ༩་པ་ དང་ ༡༡་པ་ཚུ་ནང་ རིམ་པ་བཞིན་དུ་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ མངའ་བདག་ཁྲི་རལ་པ་ཅན་ ལྷ་བླ་མ་ཡི་ཤེས་འོད་ཚུ་གིས་ སྔ་ཕྱི་ཐེངས་རིམ་གསུམ་ཚུན་ཚོད་ སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་སྐབས་ བརྡ་གསར་གྱི་ཆོས་སྐད་ལུ་ གླི་དང་འགྲོ་ཟེར་མི་ཚུ་ ད་ལྟོ་བར་ནང་ཡང་ རྫོང་ཁའི་ན་ གྱི་ དང་ འགྱོ་ཟེར་སླབ་སྲོལ་ཡོདཔ་ཨིན། དེ་འབདཝ་ལས་ཆོས་སྐད་ནང་ ར་འདོགས་ཅན་ཚུ་རྫོང་ཁའི་ནང་ ཡ་འདོགས་ཅན་སྦེ་ལྷག་དགོཔ་ཡོདཔ་ཨིན།

དཔེར་ན༔

ཆོས་སྐོད།

རྫོང་ཁ

བྲག།

བྱག།

བྲེལ།

བྱེལ།

སྤྲ།

སྤྱ།

མགྲོན།

མགྱོན།

ཁྲིན།

ཁྱིད།


ཆོས་སྐད་ལས་མི་གི་མིང་ཡང་ འབྲུག་རྒྱལ་ཁབ་ནང་ ལག་ལེན་ཐབས་ཨིན།
དཀར་ཆུང།
ཀརྨ།
རྡོ་ལེ། ཚུ་འབྲུག་པའི་མིང་ཨིན་རུང་། ཆོས་སྐད་ཀྱིས་མིང་འདི་ ལྷ་མོ། ཤེས་རབས། ཚུ་ཨིན།
ཉི་མ།
ཟླ་བ།
ཆུ།
མེ།
ཐུན་གྱི་དཔེ་ཆ་ཚུ་ཡང་ག་ར་ཆོས་སྐད་ནང་ཡོདཔ་ཨིན། དེ་རུང་ འབྲུག་གི་རྒྱལ་པོའི་བརྟན་བཞུགས་ ཚིགས་ཚུ་ག་ར་ཆོས་སྐད་ནང་ཡོདཔ་ཨིན།

༢༽མགྱོགས་ཡིག་འདི་ལན་མ་ཚུ་མངས་ཀྱིས་བརྩམས་ཡོད་པའི་འདོད་ཚུལ།

འབྲུག་ཡིག་གི་འབྱུང་ཁུངས།
འབྲུག་གི་ རྒྱལ་ཡོངས་ཡི་གུ་འདི་ མགྱོགས་ཡིག་ཨིན། མགྱོགས་ཡིག་འདི་ འགོ་དང་པ་ དུས་རབས་༨ པའི་ནང་གུ་རུ་
རིན་པོ་ཆེའི་ཕྱག་ཞུ་སྟེ་འབྱོན་མི་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ བུམ་ཐང་སྐུ་རྗེས་ལུ་ བརྩམས་གནང་ཡོདཔ་སྦེ་ སླབ་སྲོལ་
འདུག།
དེ་ཡང་ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ རྒྱ་ཆོས་བོད་ལུ་སྒྱུརཝ་ད་ བུམ་ཐང་གི་རྒྱལཔོ་སིན་དྷུ་རཱ་ཛ་གིས་ ཤོག་ཀུ་
ཕུལ་ཡོད་པའི་ལན་ལུ་ ལྡན་མ་རྩེ་མང་གུ་རུ་རིན་པོ་ཆེའི་ཕྱག་ཞུ་སྟེ་ ཡི་གུ་བརྩམས་ཏེ་བྱིན་ནིའི་དོན་ལུ་ བཏང་བཏངམ་ཨིན།
ཟེར་སླབ་སྲོལ་ཡོད། ཡི་གུ་དེ་གི་མིང་ལུ་ ཧེ་མ་ལྷོ་ཡིག་ ཟེར་སླབ་སྲོལ་ཡོདཔ་ལས་ འབྲུག་པའི་ཡི་གུ་འགོ་དང་པ་དེ་ ལྷོ་
ཡིག་ཨིན། ཡང་ན། འབྲུག་པའི་མགྱོགས་ཡིག་འདི་ལྡན་མ་རྩེ་མངས་ཀྱི་ཕྱག་བྲིས་ལུ་གཞ་ིབཞག་སྟ་ེབྱུང་ཡི་ཟེར་ཨིན་པས། ད་ེཡང་ གུ་རུ་རིན་པོ་ཆེ་བུམ་ཐང་ལུ་བྱོན་ཏེ་ ལྕགས་མཁར་རྒྱལ་པོ་ལུ་གསང་སྔགས་ཀྱི་ཆོས་སྐོར་གསུངསམ་ད་ ཕྱག་ཞུ་སྟེ་བྱོན་མི་ལྡན་མ་རྩ་མངས་ཀྱིས་ ལྕགས་མཁར་རྒྱལ་པོའི་དཔ་ེཆ་ཚུ་ ཡིག་ཐོག་ལུ་བྲིས་ཏ་ེགནངམ་མ་ཚད་ འབྲུག་མ་ིཚུ་ལུ་ཡི་གུ་སྟོན་བྱིན་ཞིནམ་ལས་ཚུར་ འབྲུག་ལུ་ཡི་གུ་ འབྲི་སྲོལ་བྱུང་ཡོདཔ་དང་། ལྡན་ཡངས་ཀྱི་ཡ་ིགུ་ལུ་གཞ་ིབཞག་སྟེ་  འབྲུག་པའི་ཡིག་གཟུགས་བརྩམས་ལས་བརྟེན་ཏེ་ ལྷོ་ཡིག་ཟེར་དབུ་ཅན་དང་། དཀྱུས་ཡིག་གམ་མགྱོགས་ཡིག་བཅས་འཕྲལ་ཡིག་དང་ བོད་ཡིག་ལ་སོགས་པ་ཡིག་རིགས་ གཞན་དང་མ་འདྲ་བའི་ལྷོ་ཡིག་ག་ིའབྲ་ིསྲོལ་ཡང་ དུས་རབས་བརྒྱད་པའི་སྐབས་ལས་ར་བྱུང་ཡོད་པའི་ ཡི་གུ་རྙིང་ཤོས་ཅིག་ ཨིན་ཟེར་བཀོད་ནུག།

དེ་བཟུམ་སྦེ་ རྒྱལ་ཡོངས་དཔེ་མཛོད་ཀྱི་གཏན་མཛོད་གཙོ་འཛིན་ ཨྱོན་རྡོ་རྗེ་གིས་འབད་བ་ཅིན། ལྡན་མ་རྩ་མངས་ཀྱིས་ བརྩམས་ཡི་ཟེར་ཨིན་པས། ད་ེཨང་ བོད་ལུ་མཁན་སློབ་ཆོས་གསུམ་གྱིས་ རྒྱ་ཆོས་བོད་ལུ་བསྒྱུར་སྐབས་ལུ་ བུམ་ཐང་ལྕགས་མཁར་རྒྱལཔོ་གིས་ དལ་ཤོག་ཕུལ་བའི་བཀའ་དྲིན་རྗེས་དྲན་ལུ། གུ་རུ་རིན་པོ་ཆེ་ བུམ་ཐང་ལྕགས་མཁར་རྒྱལ་པོའི་ བླ་མཆོད་ལུ་བྱོནམ་ད་ ཕྱག་ཞུ་ཧྟེ་བྱོན་མ་ི ལོ་ཙཱ་བ་ལྡན་མ་རྩ་མངས་ཀྱིས་ བརྩམས་ཡོརདཔ་ཨིན་པས། རྡོ་རུང་ཁོ་གིས་ འབད་བ་ཅིན། ནུས་རབས་༨ པའི་ནང་ མཁས་པ་བཻ་རོ་ཙ་ན་ རྒྱ་གར་ལས་བོད་ལུ་བྱོནམ་ད་ བྱོན་ལམ་ཀུར་སྟེད་ལས་སྦེ་ བྱོན་ཡོདཔ་ཨིན་པས། དེ་བསྒང་ ཀུར་སྟོད་ལུ་ཕེབས་ད་ སྨྱུག་དུང་ནང་ལས་སྨྱུག་གུ་ཅིག་ཕྱ་ིཁར་ཐོན་འགྱོཝ་ལས་ མི་ཚུ་གིས་འཐུ་སྟེ་ལོག་ཕུལཝ་ད་ མ་འོངས་པ་ལུ་ཡ་ིགུ་དུར་བའི་རྟེན་འབྲེལ་ཡོདཔ་ལས་འཐུ་མ་ིདགོ་ཟེར་གསུངས་ནུག། དེ་ག་ི རྟེན་འབྲེལ་གྱིས་སྦེ་ འབྲུག་པའི་མགྱོགས་ཡིག་འད་ི ལྡན་མ་རྩ་མངས་ཀྱིས་བརྩམས་གནང་ཡོད་སྦེ་བཀོད་ནུག།


༣༽སྡེབ་སྦྱོར་ཅན་གྱི་ཡི་གུ  ༔  སྡེབ་སྦྱོར་ཅན་གྱི་ཡི་གུ་འདི་ ཕ་ལིསི་ཐཱན་རྒྱལ་ཁབ་ལས་ འཛམ་གླིང་ཤར་ནུབ་བརྒྱད་དེ་ ནུབ་ཕྱོགས་ཡུ་རོབ་དང་ རྒྱ་གར་གྱ་ཡ་གུ་ཚུ་  སྡེབ་སྦྱོར་ཅན་གྱི་ཡི་གུ་ཟེར་སླབ་ཨིན་མས།

སྡེབ་སྦྱོར་ཅན་གྱི་ཡི་གུ་ཟེར་མི་འདི་ ཡི་གུ་སྡབ་དང་སྦྱོར་བ་དབྱངས་དང་གསལ་བྱེད་ཚུ་ལག་ལེན་འཐབ་སྟེ་འབྲི་མི་ལུ་སླབ་ཨིན།

                            དཔེར་ན་༔

                                         རྫོང་ཁ་ཡི་གུ

                                         བོད་ཡིག

རིས་མོ་ཅན་གྱི་ཡི་གུ   ༔   རི་མོ་ངན་གྱ་ིཡ་ིགུ་འདི་   འཛམ་གླིང་ནུབ་ཕྱོགས་ཨི་ཛིབ་ལས་བརྒྱུད་དེ་ རྒྱ་ནག་ལས་ ཕར་དར་ཏེ་ ལག་ལེན་འཐབ་ཨིན་མས། 

                                 ཡང་ན

རིས་མོ་ཅན་གྱི་ཡི་གུ ་ཟེར་མི་འདི་པར་གྱི་མཐོ་ལས་འབྲི་སྦེ་གོ་བ་སྤེལ་མི་ལུ་སླབ་ཨིན།

                                དཔེར་ན་༔ མེ་ཏོག་ཀྱི་པར་འབྲི་འདི་ཡོད་པ་ཅིན་དཔེ་ཆ་མ་ལྷབ་མི་འདི་གི་ཡང་ཧ་དགོ།

ང་བཅས་རའི་ ཡ་གུ་འདི་ཡང་ རྒྱ་ལས་བོད་ལུ་དར་ བོད་ལས་བརྒྱད་དེ་ འོངས་འོངསམ་འབད་ནི་དེ་གིས་ སྡེབ་སྦྱོར་ཅན་གྱིའི་ གྲངས་སུ་ཚུདཔ་ཨིན།

གདངས་དབྱངས་ཡོདཔ་དང་མེདཔ ༔ ་གདངས་དབྱངས་ཡོདཔ་དང་མེདཔ་པའི་ཁ་སྐད་ཟེར་མི་འདི་ ཁ་ལས་སླབ་པའི་སྐབས་སུ་ གསལ་བྱེད་ཀྱི་སྒྲ་མེན་པར་ གདངས་དབྱངས་་འཐོན་དོ་བཟུམ་སྦེ་སླབ་མི་ལུ་གོཝ་ཨིན།

དཔེར་ན།

     ང་ཉ་མ་ཐ་ཡ་ལ     

    ཏ   (རྟ། ལྟག)

   ཅ   (ལྕགས། ཅ་ལ)

  ཀ   (དཀར། བཀག)

འདི་ཚུ་ལུ་སྒྲ་   མཐོ་མན་གྱི་དོན་དག་སོ་སོར་སྟན་མི་ལུ་སླབ་ཨིན།

གསལ་བྱེད་ཅན་གྱི་ཡི་གུ་ཟེར་མི་འདི་  གསལ་བྱེད་ག་འབད་རུང་ དེ་ལུ་སྒྲ་འགྱར་བ་མེད་པར་སྟན་མི་ལུ་སླབ་ཨིན།

                 དཔེར་ན། བཀའ། 


༤༽ ཊི་བེཊོ་བར་མཱན་ལས་རྒྱུད་པའི་ཁུངས། Proto Tibeto Burman

ང་བཅས་རའི་སྐད་ཡིག་རྫོང་ཁ་འདི་ འབད་བ་ཅིན་ ཊི་བེ་ཊོ་བར་མཱན་ལས་རྒྱུད་ཡོད་ཟེར་ཨིན་མས། ཊི་བོ་ཊོ་བར་མཱན་སླབ་ད་ རྒྱལ་ཁབ་ག་དང་ག་ར་ཚུདཔ་སྨོ་ཟེར་བ་ཅན་ ལྷོ་ནུབ་རྒྱ་ནག། བོད། བར་མ་འན། ཚུ་ཚུབས་ཨིན། ང་བཅས་རའི་སྐད་ཡིག་རྫོང་ཁ་འིད་ ཊི་བེ་ཊོ་བར་མཱན་ལས་རྒྱུད་ཡོད་པའི་རྒྱུ་མཚན་འདི་ ཁྱོད་ཆོས་ག་ར་ཅོག་འཐདཔ་ཡོདཔ་ལས་ཏན་ཨིན།

ཁྱོད་ཆོས་ཚུ་༔

༡ སྒྲ་བྱུང་བ། (tonal system)༔ ཟེར་མི་འདི་ ཚིག་ཚུ་གི་ སྒྲ་གདངས་དང་སྐད་གདངས་གི་ དོན་སོ་སོ་བཟོ་མི་ལུ་སླབ་ཨིན།

     སྒྲ་མཐོ་བ།(high pitch) (དཀའ།) དང་ སྒྲ་དམའ་བ།(low pitch) (མོ།)

༢ སྒྲ་ཚིག་གཅིགམ། (monosyllabic structure) རྫོང་ཁ་ན་ལུ་ཚིགས་ཚུ་ག་ར་གི་དོན་ད་ར་ལྟོདམོ་ཨིན།

    དཔེར་ན༔ སངས་རྒྱས། རྒྱལ་བ་རྫོགས་པའི་སངས་རྒྱས། ཡང་ན་ དགའ་(སེམས་དགའ་ནི)སྟོན(རྟེན་འབྲེལ)།

༣ བྱེད་པ་བྱ་བ་དང་བྱ་ཚིག།༔ རྫོང་ཁ་ནང་བརྗོད་པ་བཟོ་བའི་ཀབས་ལུ་ ལཱ་འབད་མི་བྱེད་པ་པོ་(subject)ཧེ་མ་དང་ བྱ་བ་(object) དང་མཇུག་ར་ ལཱ་འབད་བའི་ཚིག་བྱ་ཚིག་འདི་ཏོནམ་ཨིན།

    དཔེར་ན༔ ཁོ་(བྱེད་པ་པོ)གིས་ལྟོ་(བྱ་བ)བཟའ(བྱ་ཚིག)།


༥༽ སྐད་ཡིག་རྫོང་ཁ་ཁག་ཆེ་ཁུངས་དོན།

མི་དང་མི་གི་བར་ན་བརྡ་དོན་སྤྲོད་ལེན་འབད་ནི།

  • མཐུན་ལམ་བཟོ་ནི།

  •  རྒྱལ་ཁབ་ཀྱི་ངོ་རྟགས་སྟོན་ནི།

  •  རྒྱལ་ཁབ་སྲུང་སྐྱོབ་འབད་ནི།

  •  སྐད་ཡིག་རྫོང་ག་འདི་ དུས་དང་ཕུག་ལས་དར་ནི་འདི་གི་ སྔར་སྲོལ་ལབ་ལུགས་བདག་འཛིན་འབད་ནི།

  •  སྐད་ཡིག་སྤྱི་འགྱུར་གྱི་ལན་ལོན་ཐོག་ལས་མི་དམང་སྤྱི་མཐུན་བཟོ་ནི།

 འབྲུག་རྒྱལ་ཁབ་ཀྱིཁ་སྐད་མ་འརྲཝ།

  • ཚངས་ལ། (ཞར་ཕྱོགས)

  •  ལྷོ་ཚང་པ། (ལྷོ་ཕྱོགས)

  •  རྫོང་ཁ། (ནུབ་ཕྱོགས)

  •  བུམ་ཐང་པའི་ཁ། (བྱང་ཕྱོགས/དབུས་ཕྱོགས)

 རྫོང་ཁ་འདི་འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཁ་སྐད་འབད་གདམ་ཁ་རྐྱབ་དགོ་པའི་ཁུངས་དོན།

  • ཡིག་གུ་ཐོག་ལུ་འབྲི་སྲོལ་ཡོད་ནི་འདི་གི།

  •  སྐུ་འཁོར་ལག་ལེན་འཐབ་ལས།

  •  རྫོང་༨་གིས་མི་སེར་ཚུ་ལག་ལེན་འཐབ་ནི་གི།

  •  སྔོན་འབྱོན་རྒྱལ་བ་གོང་མ་ཚུ་གི་ བྱིན་གྱིས་བརླབ་གནང་མའི་སྐད་ཡིག་ཨིནམ་ལས་བརྟོན།

                                             ཡང་ན

འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ཁ་སྐད་མ་འདྲཝ་མང་རབས་ཡོད་པའི་རྒྱལ་ཁབ་ཅིག་ཨིན། དེ་སྦེ་ཨིན་དགོ་མི་གི་རྒྱུ་མཚན་ཡང་ མི་རིགས་མ་འདྲ་བའི་ཁྱད་པར་ལུ་བརྟེན་ཏེ་དང་། ས་ཆའི་ཆགས་ཐངས་ཀྱིས་སྦེ་ གཡུས་སྒོ་ཚུ་ ལ་ལུང་ཚུ་ནང་ཁ་གཏོར་ཏེ་ཆགས་ཡོད་ནི་འདི་གིས་ གཡུས་ཚན་གཅིག་གིས་གཅིག་ལུ་ རྒྱུན་འབྲེལ་འབད་ནི་ ལཱ་ཁག་ཡོདཔ་ལས་བརྟེན་ཏེ་ ཨིན་མས།

འབྲུག་གི་རྒྱལ་ཡོོངས་སྐད་ཡིག།

རྒྱལ་ཡོངས་ཁ་སྐད་འདི་ འབྲུག་རྒྱལ་ཁབ་ནང་ཡོད་པའི་ རྫོང་ཁག་༢༠ ལས་ སྤུ་ན་ཁ། ཐིམ་ཕུག། དབང་འདུས་ཕོ་བྲང་། མགར་ས། ཧཱ། སྤ་རོ། ཆུ་ཁ། དར་དཀར་ན་བཅས་ རྫོང་ཁག་༨ ཀྱིས་སླབ་པའི་ཁ་སྐད་ཅིག་ཨིན། རྫོང་ཁ་འདི་འབྲུག་ལུ་ སྔོན་གོང་ལས་དར་བའི་ ཁ་སྐད་ཚུ་གི་གྲས་ལས་ ཆོས་སྐད་དང་མཐུན་པའི་ཁ་ཅིག་ཨིན།

དེ་མ་ཚད་ འབྲུག་གི་རྫོང་ཁག་སོ་སོའི་ མི་སེར་མང་ཤོས་དང་གཅིག་ཁར་ བརྡ་དོན་སྤྲོད་ལེན་ཡང་འབད་ཚུགསཔ་ཨིན། དེ་ཡང་ཁ་སྐད་འདི་ སྔོན་གོང་ལས་ཡོད་རུང་ ཧེ་མ་ དུས་རབས་༡༧ པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཆོས་སྲིད་བསྟན་པའི་སྲོག་ཤིང་རྫོང་གཞིས་ཚུ་ རིམ་པ་བཞིན་དུ་བཅགས་ཏེ་གནང་བའི་སྐབས་ལུ་ རྫོང་གཞིས་དེ་ཚུའི་ནང་ གཞུང་འབྲེལ་གྱི་ཁ་སྦེ་ ལག་ལེན་འཐབ་གནངམ་ལས་ མིང་ལུ་ཡང་ རྫོང་ཁ་ཟེར་བའི་ཐ་སྙད་དར་ནུག།

དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ རིམ་པ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ནང་ རྒྱལ་བརྒྱུད་ཀྱི་གཞུང་ དབུ་བརྙེས་པའི་ཤུལ་ལས་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་སྐབས་ལུ་ འཛམ་གླིང་རྒྱལ་སྤྱིའི་ ལམ་ལུགས་དང་བསྟུན་ཏེ་ སྤྱི་ལོ་༡༩༧༡ གི་ལོ་ལུ་ འབྲུག་རྒྱལ་ཁབ་འདི་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་སྦེ་ འཛུལ་བཞུགས་འབད་ཞིནམ་ལས་ཚུར་ རྫོང་ཁ་འདི་ གཞུང་འབྲེལ་དུ་ རྒྱལ་ཡོངས་ཀྱི་ སྐད་ཡིག་སྦེ་ ཆ་འཇོག་མཛད་གནང་སྟེ་ཡོདཔ་ཨིན།

སྐད་ཡིག་ཞིབ་འཚོལ་པ་ཚུ་དང་འཁྲིལ་བ་ཅིན། འབྲུག་ལུ་ཁ་རྙིང་ཤོས་ལྷོ་པའི་ཁ་ མོན་ཁ་ དགོངས་འདུས་པའི་ཁ་ ཟེར་རྫོང་ཁ་འདི་ ལྷོ་པའི་ཁ་ལས་བྱུང་བྱུངམ་ཨིནམ་སྦེ་ སླབ་སྲོལ་ཡོད། འབྲུག་ནང་གི་ཁ་རྙིང་ཤོས་ དེ་ཚུ་ སྐད་རིགས་མཁས་མཆོག་ཚུ་གིས་འབད་བ་ཅིན་ ད་རེས་ལས་ ལོ་ངོ་ཉུང་མཐའ་༢༥༠༠ གི་གོང་ལས་ར་ བྱུང་ཡོདཔ་སྦེ་ བཤདཔ་ཨིན། སྟོན་པའི་སྐྱེ་རབས་ ཆོས་རྒྱལ་དྲི་མེད་ཀུན་ལྡན་དང་ རྒྱལ་བུ་དོན་གྲུབ་ཀྱི་རྣམ་ཐར་ཚུ་ནང་ ཁོང་འབྲུག་ལུ་བྱོན་ཡོད་པའི་ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ དེ་བསྒང་ལས་ར་ འབྲུག་རྒྱལ་ཁབ་ཀྱི་མི་རིགས་ཚུ་ཆགས་ཡོདཔ་དང་། མི་རིགས་ཡོད་པ་ཅིན་ སྐད་རིགས་ཡང་ རང་བཞིན་གྱིས་འོང་སྲིད་ནི་ཨིནམ་ལས་ འབྲུག་གི་ཁ་སྐད་རྙིང་ཤོས་དེ་ཚུ་ མིའི་འགྲོ་བ་ཆགས་པའི་ནམ་དུས་ལས་ར་ བྱུང་ཡོདཔ་སྦེ་ཧ་གོ་ཚུགས་པས།





Monday, March 17, 2025

སྔོན་འཇུག་འི་མིང་གཞི་ཡི་གུ་ཕོ་ལུ་འཇུག་ཚུལ།

འབྲུག་གི་རྒྱལ་ཡོངས་ཁ་སྐད་ རྫོང་ཁ་འདི་ འབྲུག་རྒྱལ་ཁབ་ནང་ཡོད་པའི་ རྫོང་ཁག་ ༢༠ ནང་ལས་བརྩི་འབད་བ་ཅིན་ རྫོང་ཁག་ སྤུ་ན་ཁ། ཐིམ་ཕུག། དབང་འདུས་ཕོ་བྲང་། མགར་ས། ཧཱ། སྤ་རོ། ཆུ་ཁ། དར་དཀར་ན་བཅས་ རྫོང་ཁག་ ༨ ནང་སླབ་པའི་ཁ་སྐད་ཅིག་ཨིན།

ཁ་སྐད་རྫོང་ཁ་འདི་ ཡི་གུ་ཐོག་ལས་བརྡ་དོན་སྤྲོད་ལེན་ཡང་འབད་ཚུགསཔ་ལས་ རྒྱལ་ཁབ་ནང་གི་ཡིག་ཆ་ཚུ་ཡང་ མང་ཤོར་རྫོང་ཁ་ཡི་གུ་ཐོགས་ལས་ ཐོ་བཀད་འབདཝ་ཨིན།

སློབ་གྲྦ་ནང་ལས་ཕར་འབད་རུང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ སཱོབ་ཕྲུག་ཚུ་ལུ་ སྐད་ཡིག་གི་འབྱུང་ཁུངས་དང་ ལྷགཔ་དགོ་པའི་ཁུངས་དོན་ཚུ་ག་ར་ ལྷག་བྱོང་འབད་བཅུག་དོ་ཡོདཔ་ཨིན། དེ་འབདཝ་ལས་ རྒྱོལ་ཡོངས་སྐད་ཡིག་རྫོང་ཁ་འདི་ འབྲུག་མི་ཚུ་གིས་ དུས་ནམ་ཡང་འགྱུར་བ་མེད་པའི་ བརྟན་བཟུམ་ཨིན་ཟེར་སེམས་ཁར་བཞག་ཏེ་ གོང་འཕེལ་གཏང་དགོཔ་ཁག་ཆེ་ལགས། 

སྔོན་འཇུག་ག་ད་བ་མ་འའི་མིང་གཞི་ཡི་གུ་ཕོ་མོ་མ་ནིང་དང་མོ་གཤམ་ལུ་འཇུག་ཚུལ།

ང་ཨའི་ལུ་དགའ་ཚོར་སྐྱེ་དགོ་པའི་ རྒྱུ་མཚོན་བཤད་པ་ཅིན།

ཚེ་ཧེ་མ་ཚོགས་བསག་པའི་འབྲེལ་བུ་ལས་གཏན་ཏེ།།  དུས་ད་རིས་སྦུམོ་ང་ཁྱོད་ཡི་གནས་ཡུལ་ལུ་སྐྱེ།།

སྲོག་ལུ་བར་ཆེད་ཡོད་རུང་ཟླཝ་དགུ་མངལ་ལུ་འབག།  རང་དོན་རྒྱབ་ཁར་བཞག་ངེའི་བདག་འཛིན་དམིགསགཏད་གཙོ་བོ།།

ང་ཚེ་གཅིག་ལྷ་སྲསམོ་དང་འབྲེལ་བའི་གཅེས་སྐྱོང་འབད།།  དགོ་པའི་འདོད་པ་ཆ་མཉམ་ཕངས་སེམས་མེད་པར་བྱིན།།

རང་ལུ་མེད་རུང་གཞན་ལས་ཚོར་སྟེ་འབད་རུང་བྱིན།།  ཨ་མ་སྦུམོ་ང་གསོ་སྐྱོང་འབད་བའི་བཀའ་འདྲིན་ཆེད།།

ངེ་མི་ཚེའི་ཆ་རོགས་བཟུམ་ཁྱོད་བཅའ་མར་གཏོགས་ཏེ།།  ངེའི་སྡུག་བསྔལ་གི་ཁྱབ་བསྒྲགས་ག་ར་ཁྱོད་ཀྱིས་སེལ།།

དུས་ད་རིས་དཀའ་ངལ་མེད་པའི་རྒྱུ་མཚོན་ཁྱོད་ཨིན།།  ཨ་མ་སྦུམོ་ང་གསོ་སྐྱོང་འབད་བའི་བཀའ་འདྲིན་ཆེད།།

Dzongkha for communication

      རྫོང་ཁ་ ཡི་གུའི་མཛུབ་སྣོན་སྦྱང་བ།

༄༅།  །ཨོཾ་སྭསྟི།  བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང།  །ལྔ་བདོའི་འགྲོ་ལ་བདེ་བའི་ཐུགས་བསྐྱེད་ཀྱིས།  །བཅུ་གཉིས་མཛཏ་པས་  འགྲོ་དོན་ཡོངས་རྫོགས་པའི།  །ཉོན་མཆོག་ཤཱཀྱའི་རྒྱལ་པོར་གུས་ཕྱག་འཚལ།  །གང་གི་ལཱིང་བསྟན་འཁྲལ་མེན་དགོངས་དོན་བཞིན།  །བདེ་ལྡན་  ཞིང་མགོན་ཐུགས་ཀའི་ས་བོན་ལས།  །མ་འཁྲུངས་གསང་སྔགས་བསྟན་པའི་བདག་པོ་མཆོག།  །པངྨ་ཀཱ་རའི་ཞབས་པད་སྤྱི་བོས་བ་སྙེན།  །འཇིག་རྟེན་དབང་ཕྱུག་གང་འདུལ་སྤྲུལ་པའི་སྐུ།  །ཞིང་འདིའི་ལྷག་པའི་ལྷ་རཱི་ཡོངས་ཤར་བ།  །མཐུ་ཆེན་བདུད་འཇོམས་རྡོ་རྗེའི་བཀའ་  རྲིན་ནི།  །བྱང་ཆུབ་སྙིང་པོའི་བར་དུ་སྙིང་ནས་དྲན།  །འདི་ན་པཐའ་མེད་རྣམ་པར་རྟོག་པའི་རྒྱིན།  །རྣམ་མང་རྗོད་བྱེད་ཚིག་གི་འབབ་སྒོ་ནས།  །ཀུན་  ཡིད་འཇོ་བའི་སྔོན་མེད་ཆུ་གཏེར་ཆེ།  །འབྲུག་གི་ཡིག་བསྐུར་རྣམ་གཞག་འདི་ན་སྤྲོད།།

༊  སྨན་ལྗོངས་དཔལ་ལྡན་འགྲུག་པའི་ཆོས་སྲིད་ལཱིགས་གཉིས་ཀྱི་ཆབ་སྲིད་འཁོར་ལུ་བསྒྱུར་བའི་མི་དབང་མངའ་བདག་རིན་པོ་ཆེའི་  ༧  ཞབས་པད་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ།

 ࿐  ཤེས་བྱའི་བྲོ་གྲོས་ཡངས་པ་བློན་ཆེན་ལཱི།  ། དེ་ནི་  རྩ་ཁྲིམས་ཅན་གཡི་རྒྱལ་བརྒྱུད་ཀྱི་དམངས་གཙོའི་རིང་ལཱིགས་འདི་  མི་  དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་  ང་བཅས་རའི་རྒྱལ་ཁབ་དང་  མི་སེར་གྱི་ཕན་བདེ་ཁོ་ནའི་དོན་ལཱི་ཐུགས་བཞེས་གནང་སྟེ་  འགོ་བཙུགས་  གནང་ཡོད།  འདི་ལཱི་  བློན་ཆེན་ཁྱོད་ར་གིས་གཙོས་པའི་  གཞིང་སྐྱོང་བློན་པོ་ཚུ་གིས་ཡང་  རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་ནང་ག་དེ་དྲག་དྲག་རྩ་  འགེངས་ཏེ་  དམངས་གཙོའི་རིང་ལཱིགས་ཀྱི་གཞི་འགྱམ་  སྒྲིང་སྒྲི་སྦེ་བཙུགས་ཐབས་འབད་མི་འདི་ལཱི་  ངལ་རངས་སབོམ་བྱུང་ཡ

ན་མོ་རཏྣ་ཏྲ་ཡཱ་ཡ།  ན་མཤྩཎྜ་བཛྲ་པཱ་ཎ་ཡེ།  མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ།  ཏདྱ་ཐཱ།  ༀཏྲུ་ཊ་ཏྲུ་ཊ།  ཏྲོ་ཊ་ཏྲོ་ཊ་ཡ།  སྤུ་ཊ།སྤུ་ཊ།  སྥོ་ཊ་ཡ་སྥོ་ཊ་ཡ།  གྷུརྞྞ་  གྷུརྞྞ།  གྷུརྞྞ་པ་ཡ་གྷུརྞྞ་པ་ཡ།  སརྦ་དྭཱ་ནི།   བོ་དྷ་ཡ་བོ་དྷ་ཡ།   སཾ་བྷོ་དྷ་ཡ།  སཾ་བྷོ་དྷ་ཡ།  བྷྲ་མ་བྷྲ་མ།  སཾ་བྷྲ་མ་སཾ་བྷྲ་མ།  སརྦ་བྷཱུ་ཏཱ་ནི།  ཀུ་ཊ་ཀུ་ཊ།  སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ།  སརྦ་ཤ་ཧཱུན།   གྷ་ཊ་གྷ་ཊ།  སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ།  སརྦ་བི་དཱཾབཛྲ་བཛྲ།  སྥོ་ཊ་ཡ་བཛྲ་བཛྲ།  ཀ་ཊ་བཛྲ་བཛྲ།  མ་ཊ་བཛྲ་བཛྲ།  ཨཊྚ་ཧཱ་ས་ནཱི་ལ་བཛྲ།  སུ་བཛྲ་ཡ་སྭཱ་ཧཱ།


ཧེ་ཕུལླུ།  ནི་རུ་ཕུལླུ།  གྲྀཧྣ་ཀུལླུ།  མི་ལི་ཙུལླུ།  ཀུ་རུ་ཀུལླུ།  བཛྲ་བི་ཛ་ཡཱ་སྭཱ་ཧཱ།  ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།  ཀ་ཊ་ཀ་ཊ།  མ་ཊ་མ་ཊ།ར་ཊ་ར་ཊ།  མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭ་ཧཱ།  ཙ་རི་ནི་ཙ་ར།  ཧ་ར་ཧ་ར།  ས་ར་ས་ར།  མཱ་ར་ཡ།  བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ།  ཙྪིནྡ་ཙྪིནྡ།  བྷིནྡ་བྷིནྡ།  མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།  བྷནྔྷ་བྷནྔྷ།  ཀྲོ་དྷ་ཀྲོ་དྷ།  བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།  ཙུ་རུ་ཙུ་རུ་ཙཎྜ་ལི་ཀཱི་ལཱ་ཡ་སྭཱ་ཧཱ།  ཏྲཱ་ས་ཏྲཱ་སཡ།  བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།  ཧ་ར་ཧ་ར་བཛྲ་བི་དཱ་རཱ་སྭཱ་ཧཱ།  པྲ་ཧ་ར་པྲ་ཧ་ར།  བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ།  མ་ཏི་སྠི་ར་བཛྲ།  ཤྲུ་ཏི་སྠི་ར་བཛྲ།  པྲ་ཏི་སྠི་ར་བཛྲ།  མ་ཧཱ་བཛྲ།  ཨ་པྲ་ཏི་ཧ་ཏ་བཛྲ།  ཨ་མོ་གྷ་བཛྲ།  ཨེ་ཧི་ཨེ་ཧི་བཛྲ།  ཤཱི་གྷཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ།  དྷ་ར་དྷ་ར།  དྷི་དྷི་རི།  དྷུ་རུ་དྷུ་རུ།  སརྦ་བཛྲ་ཀུ་ལཾ་ཨཱ་བརྟཱ་ཡ་སྭཱ་ཧཱ།  ཨ  མུ་ཀ་མཱ་ར་ཕཊ།  ན་མཿས་མནྟ་བཛྲ་ཎཱཾ།  སརྦ་བཛྲ་ཀུ་ལཾ་ཨའ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ།  ཨ་ཙ་ལེ།  མཎྜ་ལམ་ཡེ།  ཨ  ཏི་བཛྲ།  མ་ཧཱ་བ་ལེ།  བེ་ག་ར་ཎ་ར་ཎ།  ཨ་ཛི་ཏི།  ཛྭ་ལ་ཛྭ་ལ།  ཏི་ཊི་ཏི་ཊི།  པིཾག་ལེ།  ད་ཧ་ད་ཧ་ཏེ་ཛོབ་ཏི།  ཏི་ལི་ཏི་ལི།  བནྡྷ་བནྡྷ།  མ་ཧཱ་བ་ལེ།  བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ།  ན་མོ་རཏྣ་ཏྲ་ཡཱ་ཡ།  མཤྩཎྜ་བཛྲ་པཱ་ཎ་ཡེ།  མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།  ཏདྱ་ཐཱ།  ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ།  དྷུ་ན་དྷུ་ན་བཛྲ།  ད་ཧ་ད་ཧ་བཛྲ།  པ་ཙ་པ་ཙ་བཛྲ།  དྷ་ར་དྷ་ར་བཛྲ།  དྷཱ་ར་ཡ་དྷཱ་ར་ཡ་བཛྲ།  དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྖིནྡ་ཙྖིནྡ་བཛྲ།  བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ

Wednesday, September 11, 2024

Peace Is Real

What Am I Without You?

A pointless value,
A mindless soul,
A willless body,
And a meaningless life.

The pain I felt when I lost you
Can never be compared to death.
Losing you was an endless ache,
One that began when I was just a teen.

But even though you left,
I found a new me.
The pain was real,
But the person I became was new.

I discovered a self
That had been lost miles away.
I found the peace
You once stole from me.

Now, I am grateful you left.
Because peace,
Peace is real.


Idea is my but corrected by AI. SORRY!!

Time, what is it really?

A moment that already passed, A moment we keep waiting for, A moment we continue living on, Or maybe a moment unpredictable. People are just...